"여성의 몸에는 타고난 본성으로 사랑이 더 강하게 깃들어 있습니다"라고 말씀하신 달라이 라마 존자님의 말씀
일반적으로 여성의 몸에는 타고난 본성으로 사랑이 더 강하게 깃들어 있습니다. 예를 들어 우리는 아버지와 어머니 두 분을 통해 태어나지만, 젖을 먹이는 것도 어머니이고, 어머니의 사랑은 정말 놀라울 만큼 강합니다. 제 아버지도 저를 사랑해 주셨지만 어머니만큼은 아니었습니다. 그래서 자연히 여성에게 사랑의 힘이 더 강한 것 같습니다. 몇 년 전 핀란드 총리 자리에 여성이 당선되었을 때 저는 축하 편지를 보냈습니다. 남녀가 평등한 권리를 가져야 함은 물론이고, 그중에서도 특히 사랑을 널리 전하는 힘은 여성이 더 뛰어난 것 같습니다.
역사를 한번 돌아보십시오. 세상에서 '영웅'이라 불리는 이들은 거의 다 남성입니다. '영웅(Hero)'이라는 말은 본래 사람을 죽이는 자를 뜻합니다. 물론 '여걸'이라는 말도 있지만, 세상의 영웅은 대부분 남성입니다. 여성은 타고난 본성상 몸으로 아이를 처음 돌보는 존재입니다. 그런데 가장 중요한 건, 아이가 학교에 들어갔을 때 교과 과정 안에 '사랑이 얼마나 중요한가'를 가르치는 내용이 지금은 없다는 것입니다.
그래서 저는 과학과 연계해서 — 사랑이 있으면 마음이 즐겁고 몸이 건강해지며 사회에도 행복이 온다고 과학자들이 말하듯이 — 이런 내용을 교과 과정에 넣을 수 있다면 좋겠다고 생각합니다. 예를 들어 대여섯 살 어린아이들은 "내 민족과 저 아이의 민족", "내 종교와 저 아이의 종교" 같은 말을 하지 않고, 그저 함께 어울려 놀 뿐입니다. 인종의 흑백 같은 구별을 전혀 두지 않습니다. 그런데 학교에 들어가고 나면, 사랑에 대해서는 가르치는 이 하나 없이 어떤 민족인지, 어떤 종교인지, 설령 같은 종교와 민족이라도 가난한 집 아이인지 부유한 집 아이인지를 가르며 "우리는 가난한 집 아이다", "저 애들은 잘사는 집 아이다"라는 구분이 학교 교육 안에서 생겨나고 있습니다. 저는 특정 종교에 기대지 않는 세속 교육 안에서 과학과 연계한 자비심 교육을 하는 것이 매우 중요하다고 봅니다.
인구나 환경의 차이뿐만이 아닙니다. 티베트인 망명자들을 예로 들자면, 인구가 많은 인도 안에서는 극히 소수에 불과하지만, 우리는 학교와 정착촌 등을 세워서 인도 땅 안에 티베트인들의 공동체를 이루어냈습니다. 미국 등지에도 최소 몇만 명은 있어서, 인터넷 같은 통신망을 통해 서로 연결되어 있습니다. 그렇게 티베트인 사회가 형성되어, '나는 티베트인이다'라는 생각 위에서 티베트의 종교와 문화를 되새기면 자긍심이 생겨날 수 있습니다. 요즘은 과학계에서도 티베트 불교의 철학과 견해에 관심을 기울이고 있으니, 우리도 자부심을 가져도 될 만합니다. 예전에 중국 공산당은 "티베트인들은 낙후되었고 아는 것이 없다"고 말했지만, 요즘은 그런 말도 달라지고 있습니다. 스스로 자긍심을 가져야 한다는 것을 알아야 합니다.
그 자긍심이란 무엇보다 사랑이 넘치는 데서 나올 뿐 아니라, 우리 민족이 본래 예의 바르고 품행이 훌륭한 민족이라는 데서도 나옵니다. 어디에 있든 — 티베트인 한 사람이든, 한 가정이든 — 이 세상에서 예의 바르고 선한 행동을 보여줄 수 있다면, 그것이 곧 티베트의 종교와 문화를 지키는 길이며, 티베트인들에게 자긍심이 생길 뿐 아니라 다른 이들의 존경도 그로부터 얻게 된다는 것을 여러분 마음에 새겨두시기 바랍니다.
달라이 라마 존자님의 말씀
སྤྱིར་བཏང་རང་བཞིན་ལྷན་སྐྱེས་ཀྱིས་བུད་མེད་ཀྱི་ལུས་ལ་བྱམས་བརྩེ་ཤུགས་ཆེ་བ་ཡོད། དཔེར་ན། ཕ་ལགས་དང་ཨ་མ་ལགས་གཉིས་ཀྱི་ཐོག་ནས་ང་ཚོ་བྱུང་ན་ཡང་། ཨ་མས་འོ་མ་ཡང་སྤྲོད་ཀྱི་ཡོད་པར་མ་ཟད། ཨ་མའི་བྱམས་བརྩེ་དེ་ཧ་ལས་པའི་ཤུགས་ཆེན་པོ་འདུག ངའི་ཕ་ལགས་ཀྱིས་བྱམས་པོ་བྱེད་ཀྱི་ཡོད་ཀྱང་ཨ་མ་ནང་བཞིན་བྱེད་ཀྱི་མེད། དེར་བརྟེན་རང་བཞིན་གྱིས་བུད་མེད་ལ་བྱམས་བརྩེ་ཤུགས་ཆེ་བ་ཡོད་བཟོ་འདུག ལོ་ཤེད་ཅིག་ཧྥིན་ལན་ཊི་(Finland)ཡི་སྲིད་བློན་གྱི་འོས་དེ་བུད་མེད་ཅིག་ལ་ཐོབ་པར། ངས་དེ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཡི་གེ་ཞིག་བྲིས་པ་ཡིན། སྤྱིར་བཏང་ཕོ་མོའི་ཐོབ་ཐང་འདྲ་མཉམ་དང་། དེའི་ནང་ནས་ཀྱང་ཤུགས་བསྐྱེད་ནས་བྱམས་བརྩེའི་སྤེལ་བ་ལ་བུད་མེད་ནུས་ཤུགས་ཆེ་བ་ཡོད་བཟོ་འདུག དཔེར་ན། ལོ་རྒྱུས་ཀྱི་ནང་ལ་ལྟོས་དང་། འཛམ་བུའི་གླིང་འདིའི་སྒང་ལ་དཔའ་བོ་ཟེར་བ་མང་ཆེ་བ་སྐྱེས་པ་ཤ་སྟག་རེད། དཔའ་བོ་[Hero]ཟེར་བ་དེ་མི་གསོད་མཁན་ཞིག་ཡིན། མ་གཞི་དཔའ་མོ་ཟེར་མཁན་ཡོད་ཀྱང་། འཛམ་བུའི་གླིང་གི་དཔའ་བོ་མང་ཆེ་བ་སྐྱེས་པ་རེད། བུད་མེད་རྣམས་རང་བཞིན་གྱིས་ལུས་པོའི་ཆ་ནས་ཐོག་མར་བྱིས་པ་གསོ་སྐྱོང་བྱེད་པ་ནས་བཟུང་སྟེ། གལ་ཆེ་ཤོས་དེ་བྱིས་པ་སློབ་གྲྭར་ཞུགས་པ་ན། སློབ་གྲྭའི་སློབ་ཚན་གྱི་ནང་ལ་བྱམས་བརྩེ་ཇི་ལྟར་གལ་ཆེ་བ་ཡིན་ཚུལ་དེ་ད་ལྟ་ཡོད་པ་མ་རེད། དེར་བརྟེན་ཚན་རིག་དང་སྦྲེལ་ནས་བྱམས་བརྩེ་ཡོད་ན་སེམས་སྐྱིད་པ། ལུས་བདེ་བ། སྤྱི་ཚོགས་ལ་བདེ་སྐྱིད་ཡོང་གི་རེད་ཅེས་ཚན་རིག་པས་བཤད་ཀྱི་ཡོད་པ་ལྟར་སློབ་ཚན་གྱི་ནང་ལ་འཇོག་ཐུབ་ན། དཔེར་ན། བྱིས་པ་ཆུང་ཆུང་ལོ་ལྔ་དྲུག་གི་སྐབས་སུ་ངའི་མི་རིགས་དང་ཁོ་ཚོའི་མི་རིགས། ངའི་ཆོས་དང་ཁོ་ཚོའི་ཆོས་ཞེས་སྐད་ཆ་མི་བཤད་པར། བྱིས་པ་རྣམས་མཉམ་དུ་རྩེད་མོ་རྩེ་བ་མ་གཏོགས། མི་རིགས་དཀར་ནག་གི་དབྱེ་བ་ལྟ་བུ་རྩ་ནས་ཕྱེ་ཡི་མེད། སློབ་གྲྭར་ཞུགས་པ་དང་གཞི་ནས་སློབ་གྲྭའི་ནང་ནས་བྱམས་བརྩེའི་སྐད་ཆ་བཤད་མཁན་མེད་པར། མི་རིགས་ག་རེ་ཡིན་པ། ཆོས་ག་རེ་ཡིན་པ། ཆོས་དང་མི་རིགས་གཅིག་པ་ཡིན་ན་ཡང་དབུལ་པོ་དང་ཕྱུག་པོའི་ཁྱད་པར་ཕྱེ་སྟེ། ང་ཚོ་དབུལ་ཕོངས་ཀྱི་བྱིས་པ་ཡིན། ཁོ་ཚོ་འབྱོར་ལྡན་གྱི་བྱིས་པ་རེད་ཟེར་བའི་དབྱེ་འབྱེད་དེ་སློབ་སྦྱོང་གི་ནང་ནས་ཡོང་གི་འདུག ཆོས་ལུགས་ལ་མ་བརྟེན་པའི་ཤེས་ཡོན་གྱི་ནང་དུ་ཚན་རིག་དང་འབྲེལ་བའི་ཐོག་ནས་བྱམས་བརྩེའི་སློབ་སྦྱོང་སྤྲོད་རྒྱུ་དེ་ངས་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། མང་ཉུང་དང་ཁོར་ཡུག་གི་ཁྱད་པར་ཙམ་དུ་མ་ཟད། བོད་པ་བཙན་བྱོལ་བར་ཆ་བཞག་ན་རྒྱ་གར་མི་འབོར་ཆེན་པོ་འདིའི་ནང་ལ་ཉུང་ཤས་ཤིག་ལས་མེད་ཀྱང་། ང་ཚོས་སློབ་གྲྭ་དང་སློབ་གཉེར་ཁང་སོགས་བཙུགས་ནས། རྒྱ་གར་གྱི་ལུང་པའི་ནང་ལ་བོད་པའི་སྐྱིད་སྡུག་གམ་ཚོགས་པ་ཞིག་ཆགས་ཡོད། ཨ་མེ་རི་ཀ་སོགས་སུ་ཉུང་མཐར་ཡང་ཡོད་པ་ཁྲི་ཁ་ཤས་ཡོད་པས། ཕན་ཚུན་དྲྭ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཐོག་ནས་འབྲེལ་བ་ཡོང་གི་ཡོད། དེའི་ཐོག་ནས་བོད་མིའི་སྤྱི་ཚོགས་ཤིག་གྲུབ་སྟེ་བོད་པ་ཡིན་བསམ་པའི་ཐོག་ལ། བོད་པའི་ཆོས་དང་རིག་གཞུང་ལ་བསམ་བློ་བཏང་ན་སྤོབས་པ་སྐྱེ་ཐུབ། དེང་སང་ཚན་རིག་པའི་ནང་ནས་ཀྱང་བོད་པའི་ནང་ཆོས་ཀྱི་ལྟ་གྲུབ་སོགས་ལ་དོ་སྣང་བྱེད་ཀྱི་ཡོད་པས་ང་ཚོས་སྤོབས་པ་བྱེད་ཆོག་པ་ཞིག་རེད། དེ་སྔ་རྒྱ་མི་གུང་ཁྲན་གྱིས་བོད་པ་རྗེས་ལུས་རེད། ཅི་ཡང་ཤེས་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དེང་སང་ཚིག་དེ་ལ་འགྱུར་བ་འགྲོ་ཡི་འདུག སོ་སོར་སྤོབས་པ་ཡོད་པ་དེ་ཤེས་དགོས། སྤོབས་པ་ཡང་གཙོ་བོ་བྱམས་བརྩེ་ལྡན་པར་མ་ཟད། ང་ཚོའི་མི་རིགས་འདི་ཡ་རབས་སྤྱོད་བཟང་ཞིག་ཡིན་པས། ས་ཆ་གང་དུ་བསྡད་ཡོད་ཀྱང་། བོད་མི་གཅིག་ན་ཡང་རེད། ཁྱིམ་ཚང་གཅིག་ཡིན་ན་ཡང་རེད། འཛམ་བུའི་གླིང་འདིའི་ཐོག་ལ་ཡ་རབས་བཟང་སྤྱོད་སྟོན་ཐུབ་ན། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱང་དེ་རེད་ལ། བོད་པར་སྤོབས་པ་སྐྱེ་བར་མ་ཟད། མིས་བརྩི་མཐོང་ཡང་དེའི་ཐོག་ནས་ཡོང་གི་ཡོད་པ་དེ་ཁྱོད་ཚོས་སེམས་ལ་ཞོག
༸གོང་ས་མཆོག་གི་བཀའ་སློབ།
첫댓글 아제아제바라아제바라승아제모지사바하 _()_()_()_
나무아미타불 나무아미타불 나무아미타불 _()_()_()_